完整藏文原文 · 德格版页 当前仅加载第 23 函德格 132a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ངེ་འཛིན་གྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །གཟུངས་ཀྱི་སྒོའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །དེ་བཞིན་གཤེགས་པའི་སྟོབས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །{མྱི་,མི་}འཇིགས་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སོ་སོ་ཡང་དག་
D8.023.0132a01.01པར་རིག་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །བྱམས་པ་ཆེན་པོའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སྙིང་རྗེ་ཆེན་པོའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་འདུ་
D8.023.0132a02.01ཤེས་ལས་ཕྱིར་ལྡོག་གོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །དགྲ་བཅོམ་པ་ཉིད་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །རང་བྱང་ཆུབ་ཀྱི་འདུ་ཤེས་ལས་ཕྱིར་
D8.023.0132a03.01ལྡོག་གོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ཉན་ཐོས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །རང་སངས་རྒྱས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །བྱང་ཆུབ་སེམས་དཔའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སངས་
D8.023.0132a04.01རྒྱས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་སྟེ། དེས་
D8.023.0132a05.01ཆོས་རྡུལ་ཙམ་ཡང་{དམྱིགས་,དམིགས་}པ་{མྱེད་,མེད་}དོ། །{དམྱིགས་,དམིགས་}པ་{མྱེད་,མེད་}པས་མངོན་པར་འདུ་{མྱི་,མི་}བྱེད་དོ། །མངོན་པར་འདུ་{མྱི་,མི་}བྱེད་པས་སྐྱེད་པ་{མྱེད་,མེད་}དེ། དེ་ནི་ཕྱིར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་{མྱི་,མི་}སྐྱེ་བ་ལ་བཟོད་པ་ཞེས་བྱ་སྟེ།
D8.023.0132a06.01རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་{མྱི་,མི་}ལྡོག་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས།
D8.023.0132a07.01