完整藏文原文 · 德格版页 当前仅加载第 23 函德格 290a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མཐའ་ལས་འདས་པ་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མཐའ་ལས་འདས་
D8.023.0290a01.01པ་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མཐའ་ལས་འདས་པ་སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཐོག་མ་དང་ཐ་
D8.023.0290a02.01མ་{མྱེད་,མེད་}པ་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ།
D8.023.0290a03.01ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་{མྱི་,མི་}སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་
D8.023.0290a04.01པ་ཡིན་ནམ། དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
D8.023.0290a05.01དུ་སློབ་པ་ཡིན་ནམ། དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་{མྱི་,མི་}སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་
D8.023.0290a06.01པ་ཡིན་ནམ། རང་བཞིན་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རང་བཞིན་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་
D8.023.0290a07.01