藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 67a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཆུབ་ནི་ཐེ་ཙོམ་མཆིས་པར་རིག་པར་བགྱིའོ། །བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས།

D8.023.0067a01.01
2

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་མ་བྲལ་བར་བགྱིའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་ལ་གནས་ཏེ། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་མཚན་མ་{མྱེད་,མེད་}པ་དང་ལྡན་པའི་སེམས་ཀྱིས་སྦྱིན་པ་ཡོངས་སུ་གཏང་བར་

D8.023.0067a02.01
3

བགྱིའོ། །ཚུལ་ཁྲིམས་བསྲུང་བར་བགྱིའོ། །བཟོད་པ་བསྒྲུབ་པར་བགྱིའོ། །བརྩོན་འགྲུས་བརྩམ་པར་བགྱིའོ། །བསམ་གཏན་ལ་མཉམ་པར་གཞག་པར་བགྱིའོ། །ཤེས་རབ་བསྒོམ་པར་བགྱིའོ། །ནང་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །

D8.023.0067a03.01
4

ཕྱི་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །ཕྱི་ནང་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །ཆེན་པོ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །དོན་དམ་པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །འདུས་བྱས་སྟོང་པ་ཉིད་ལ་

D8.023.0067a04.01
5

སྤྱད་པར་བགྱིའོ། །འདུས་མ་བྱས་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །རང་

D8.023.0067a05.01
6

བཞིན་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །

D8.023.0067a06.01
7

ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱད་པར་བགྱིའོ། །ཡང་དག་པར་སྤོང་བ་རྣམས་ལ་སྤྱད་པར་བགྱིའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་

D8.023.0067a07.01