完整藏文原文 · 德格版页 当前仅加载第 23 函德格 133a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དེ། རང་གི་མཚན་ཉིད་ཀྱིས་སྟོང་མོད་ཀྱི། དེ་དག་སེམས་ཅན་རྣམས་ཀྱི་མ་ཤེས་མ་མཐོང་ཁོང་དུ་མ་ཆུད་ཀྱིས། དེའི་ཕྱིར་བདག་གིས་ནི་ནམ་མཁའ་དང་མཚུངས་པ། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་
D8.023.0133a01.01སྟོང་པའི་གོ་ཆ་བགོས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ལ། སེམས་ཅན་ཐམས་ཅད་ལ་འབྱུང་བའི་ཆོས་བསྟན་ཏོ། །སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་དགོད་པར་
D8.023.0133a02.01བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་དགོད་པར་བྱའོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ལ་རབ་ཏུ་དགོང་བར་བྱའོ། །དགྲ་བཅོམ་པ་ཉིད་ལ་རབ་ཏུ་དགོད་པར་བྱའོ། །རང་བྱང་ཆུབ་ལ་རབ་ཏུ་དགོད་པར་བྱའོ། །བླ་ན་{མྱེད་,མེད་}པ་ཡང་དག་པར་
D8.023.0133a03.01རྫོགས་པའི་བྱང་ཆུབ་ལ་རབ་ཏུ་དགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་ཅིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཆོས་དེ་དག་ཐོས་ན་སེམས་བརྟན་པར་བྱའོ། །སེམས་{མྱི་,མི་}གཡོ་
D8.023.0133a04.01བར་བྱའོ། །སེམས་{མྱི་,མི་}འཕྲོགས་པར་བྱའོ། །དེ་སེམས་བརྟན་པ་དང་། སེམས་{མྱི་,མི་}གཡོ་བ་དང་། སེམས་{མྱི་,མི་}འཕྲོགས་པ་དེ་དང་ལྡན་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ན། བྱང་ཆུབ་སེམས་དཔའི་སྐྱོན་{མྱེད་,མེད་}པར་འཇུག་པར་འགྱུར་རོ། །དེ་
D8.023.0133a05.01ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཅི་ལགས་བཅོམ་ལྡན་འདས་སླར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱིར་མི་ལྡོག་པ་ཞེས་བགྱི་འམ། འོན་ཏམ་སླར་ལྡོག་པའི་བྱང་
D8.023.0133a06.01ཆུབ་སེམས་དཔའ་ལ་ཕྱིར་ལྡོག་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕྱིར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་ལྡོག་པ་ཞེས་བྱའོ། །ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་{མྱི་,མི་}ལྡོག་པ་ཞེས་བྱའོ། །
D8.023.0133a07.01