完整藏文原文 · 德格版页 当前仅加载第 23 函德格 124a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
གཞན་གྱི་དྲིང་{མྱི་,མི་}འཇོག །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གཞན་གྱི་དྲིང་{མྱི་,མི་}འཇོག །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གཞན་གྱི་དྲིང་{མྱི་,མི་}འཇོག །ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ལ་གཞན་གྱི་དྲིང་{མྱི་,མི་}འཇོག །དགྲ་བཅོམ་
D8.023.0124a01.01པ་ཉིད་ལ་གཞན་གྱི་དྲིང་{མྱི་,མི་}འཇོག །རང་བྱང་ཆུབ་ལ་གཞན་གྱི་དྲིང་{མྱི་,མི་}འཇོག །བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞན་གྱི་དྲིང་{མྱི་,མི་}འཇོག་པ་དང་། འདི་ལྟར་དཔེར་ན། དགྲ་བཅོམ་པ་ཟག་པ་ཟད་པ་ནི་གཞན་ལ་ཡིད་ཆེས་
D8.023.0124a02.01བས་{མྱི་,མི་}འགྲོ་ཞིང་ཆོས་ཉིད་མངོན་དུ་གྱུར་པས་བདུད་སྡིག་ཏོ་ཅན་གྱིས་{མྱི་,མི་}འཕྲོགས་པ་ཡིན། རབ་འབྱོར་དེ་བཞིན་དུ་ཕྱིར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་
D8.023.0124a03.01རྣམས་ཀྱིས་{མྱི་,མི་}ཐུབ་པ་ཡིན་ཏེ། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་{མྱི་,མི་}ལྡོག་པའི་ཆོས་ཅན་ཡིན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ངེས་པ་ཡིན་ཏེ། ཕྱིར་{མྱི་,མི་}ལྡོག་པའི་ཁམས་སུ་གནས་ཤིང་།
D8.023.0124a04.01གཞན་གྱི་དྲིང་{མྱི་,མི་}འཇོག་པ་ཡིན། དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡིད་ཆེས་པས་ཀྱང་{མྱི་,མི་}འགྲོ་ན། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་
D8.023.0124a05.01{མྱེད་,མེད་}དོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་{མྱེད་,མེད་}དོ། །བདུད་སྡིག་ཏོ་ཅན་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་{མྱེད་,མེད་}དོ། །མུ་སྟེགས་ཅན་དང་།
D8.023.0124a06.01ཀུན་ཏུ་རྒྱུ་བ་གཞན་དག་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་ཡིད་ཆེས་པས་འགྲོ་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གཟུགས་སམ་གཟུགས་
D8.023.0124a07.01