藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 211a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་འདི་དག་ལ་སྤྱད་དེ། ཡོངས་སུ་འདྲིས་པར་བྱས་ནས་སྟོང་པ་ཉིད་དང་། ཡང་

D8.023.0211a01.01
2

དག་པའི་མཐའ་གང་རྟོགས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བ་དང་།

D8.023.0211a02.01
3

རང་བྱང་ཆུབ་ཐོབ་པར་འགྱུར་བའི་སྟོང་པ་ཉིད་མངོན་དུ་{མྱི་,མི་}བྱེད་ཅིང་། ཡང་དག་པའི་མཐའ་མངོན་དུ་{མྱི་,མི་}བྱེད་པ་ཡིན། ཇི་ལྟར་ན་མཚན་མ་{མྱེད་,མེད་}པ་ཡང་མངོན་དུ་མི་བྱེད། སྨོན་པ་{མྱེད་,མེད་}པ་ཡང་མངོན་ཏུ་མི་བྱེད། མངོན་པར་འདུ་བྱ་བ་{མྱེད་,མེད་}པར་ཡང་

D8.023.0211a03.01
4

མངོན་ཏུ་མི་བྱེད། སྐྱེ་བ་{མྱེད་,མེད་}པར་ཡང་མངོན་ཏུ་མི་བྱེད། དངོས་པོ་{མྱེད་,མེད་}པ་ཡང་མངོན་ཏུ་མི་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསྒོམ་པར་བྱ་ཞེས་དྲི་བར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

D8.023.0211a04.01
5

དེ་ལ། བྱང་ཆུབ་སེམས་དཔའ་དག་གིས་དེ་སྐད་དུ་དྲིས་ན། འདི་ལ་ལན་གློན་ཞིང་དེས་སྟོང་པ་ཉིད་ཡིད་ལ་བྱའོ། །དེས་མཚན་མ་{མྱེད་,མེད་}པ་ཡིད་ལ་བྱའོ། །དེས་སྨོན་པ་{མྱེད་,མེད་}པ་ཡིད་ལ་བྱའོ། །དེས་མངོན་པར་འདུ་བྱ་བ་{མྱེད་,མེད་}པ་ཡིད་ལ་བྱའོ། །

D8.023.0211a05.01
6

དེས་སྐྱེ་བ་{མྱེད་,མེད་}པ་ཡིད་ལ་བྱའོ། །དེས་འགག་པ་{མྱེད་,མེད་}པ་ཡིད་ལ་བྱའོ། །དེས་དངོས་པོ་{མྱེད་,མེད་}པ་ཡིད་ལ་བྱའོ་ཞེས་ཟེར་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

D8.023.0211a06.01
7

པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

D8.023.0211a07.01