完整藏文原文 · 德格版页 当前仅加载第 23 函德格 311b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བསྙེན་བཀུར་བྱེད་པ་དང་། དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པ་དང་། སྤྱོད་
D8.023.0311b01.01པ་ལ་ཞུགས་པ་དང་། ཕྱིར་{མྱི་,མི་}ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}དཔག་ཏུ་{མྱེད་,མེད་}པ་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་བར་བྱས་པའི་ཕྱིར་ཏེ། དགེ་བའི་རྩ་བ་དེ་དག་གིས་རྣམ་པར་འཕེལ་བས། བླ་ན་
D8.023.0311b02.01{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་ཡིན་ཏེ། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}དཔག་ཏུ་{མྱེད་,མེད་}པ་ཡོངས་སུ་མྱ་ངན་ལས་
D8.023.0311b03.01བཟློ་བར་འགྱུར་རོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཅི་ནས་ཀྱང་། སེམས་{མྱེད་,མེད་}པ་དང་། སེམས་མ་ཡིན་པ་གཞན་ཡང་{མྱེད་,མེད་}པར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
D8.023.0311b04.01པོ་རྣམས་ཀྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བྱས་ཤིང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །སེམས་{མྱེད་,མེད་}པ་དང་། སེམས་མ་ཡིན་པ་གཞན་ཡང་{མྱེད་,མེད་}པར་སྤྱད་པ་སྤྱོད་པ་དང་། ཕྱིར་{མྱི་,མི་}ལྡོག་པ་དང་།
D8.023.0311b05.01སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ལ་ཡང་རྗེས་སུ་ཡི་རང་བར་བྱས་ཤིང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་
D8.023.0311b06.01བརྒྱ་པ། བམ་པོ་ཉི་ཤུ་གཉིས་པ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་སྒྱུ་མ་ལྟ་བུའི་སེམས། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་
D8.023.0311b07.01