藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 279b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། {མྱི་,མི་}བྱ་འཇིགས་པ་བཞི་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། {མྱི་,མི་}འཇིགས་པ་བཞི་འདོད་ཆགས་དང་བྲལ་བར་བགྱི་བའི་

D8.023.0279b01.01
2

སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། {མྱི་,མི་}འཇིགས་པ་བཞི་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། {མྱི་,མི་}འཇིགས་པ་བཞི་མི་སྐྱེ་བར་བགྱི་བའི་སླད་དུ་

D8.023.0279b02.01
3

སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སོ་སོ་ཡང་དག་པར་རིག་པ་བཞི་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སོ་སོ་ཡང་དག་པར་རིག་པ་བཞི་འདོད་ཆགས་

D8.023.0279b03.01
4

དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སོ་སོ་ཡང་དག་པར་རིག་པ་བཞི་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སོ་སོ་ཡང་དག་པར་

D8.023.0279b04.01
5

རིག་པ་བཞི་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སོ་སོ་ཡང་དག་པར་རིག་པ་བཞི་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྙིང་རྗེ་ཆེན་པོ་འདོད་ཆགས་དང་

D8.023.0279b05.01
6

བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྙིང་རྗེ་ཆེན་པོ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྙིང་རྗེ་ཆེན་པོ་མི་སྐྱེ་བར་བགྱི་

D8.023.0279b06.01
7

བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སངས་རྒྱས་ཀྱི་ཆོས་མ་

D8.023.0279b07.01