完整藏文原文 · 德格版页 当前仅加载第 23 函德格 302b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ནི། འདུས་མ་བྱས་ཀྱི་ཁམས་བསྟན་པར་བྱའོ། །ཞེས་སློབ་པ་ཡིན་ཏེ། རབ་འབྱོར་སེམས་ཅན་དམའ་བས་ནི་བསླབ་པ་རྒྱ་ཆེན་པོ་འདི་ལ་བསླབ་པར་{མྱི་,མི་}ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདིར་སློབ་
D8.023.0302b01.01པ་དེ་ནི། སེམས་ཅན་ཐམས་ཅད་འཁོར་བ་ལས་གདོན་པར་འདོད་པ་སྟེ། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་དམྱལ་བར་{མྱི་,མི་}སྐྱེའོ། །བྱོལ་སོང་གི་སྐྱེ་གནས་སུ་{མྱི་,མི་}སྐྱེའོ། །གཤིན་
D8.023.0302b02.01རྗེའི་འཇིག་རྟེན་དུ་{མྱི་,མི་}སྐྱེའོ། །ཡུལ་མཐའ་འཁོབ་ཏུ་{མྱི་,མི་}སྐྱེའོ། །ཡུལ་གཅོང་རོང་ཅན་དུ་མི་སྐྱེའོ། །ཕྱག་དར་པ་དང་། གདོལ་བའི་རིགས་སུ་{མྱི་,མི་}སྐྱེའོ། །ཞར་བར་{མྱི་,མི་}འགྱུར་རོ། །སྒུར་པོར་{མྱི་,མི་}འགྱུར་རོ། །ཞ་བོར་{མྱི་,མི་}འགྱུར་རོ། །ཡན་
D8.023.0302b03.01ལག་སྐྱོན་ཅན་དུ་{མྱི་,མི་}འགྱུར་རོ། །འོན་པར་{མྱི་,མི་}འགྱུར་རོ། །ལག་པ་མེད་པར་{མྱི་,མི་}འགྱུར་རོ། །དབང་པོ་དང་{མྱི་,མི་}ལྡན་པར་{མྱི་,མི་}འགྱུར་ཏེ། དབང་པོ་ཡོངས་སུ་ཚང་ཞིང་དབང་པོ་མ་ཚང་བར་{མྱི་,མི་}འགྱུར་རོ། །སྲོག་གཅོད་པར་{མྱི་,མི་}འགྱུར་རོ། །
D8.023.0302b04.01མ་བྱིན་པ་ལེན་པར་{མྱི་,མི་}འགྱུར་རོ། །འདོད་པས་ལོག་པར་གཡེམ་པར་{མྱི་,མི་}འགྱུར་རོ། །{བརྫུན་,རྫུན་}དུ་སྨྲ་བར་མི་འགྱུར་རོ། །ཕྲ་མ་ཅན་དུ་མི་འགྱུར་རོ། །ཞེ་གཅོད་པ་སྨྲ་བར་མི་འགྱུར་རོ། །ཚིག་ཀྱལ་པ་ཅན་དུ་{མྱི་,མི་}འགྱུར་རོ། །ཆགས་
D8.023.0302b05.01སེམས་ཅན་དུ་{མྱི་,མི་}འགྱུར་རོ། །གནོད་སེམས་ཅན་དུ་{མྱི་,མི་}འགྱུར་རོ། །ལོག་པར་ལྟ་བར་{མྱི་,མི་}འགྱུར་རོ། །འཚོ་བ་ལོག་པས་འཚོ་བར་{མྱི་,མི་}འགྱུར་རོ། །ཡང་དག་པ་མ་ཡིན་པས་ཡོངས་སུ་འཛིན་པར་{མྱི་,མི་}འགྱུར་རོ། །ཚུལ་ཁྲིམས་ངན་པ་ཅན་དུ་
D8.023.0302b06.01{མྱི་,མི་}འགྱུར་རོ། །ཚུལ་ཁྲིམས་ངན་པ་ཡོངས་སུ་འཛིན་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ལྷ་ཚེ་རིངས་པོའི་ནང་དུ་{མྱི་,མི་}སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་མཁས་པ་དང་ལྡན་པ་
D8.023.0302b07.01