藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 155a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པར་ཤེས་པ་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ། ལུས་ཀྱི་རྣམ་པར་ཤེས་པ་ཡང་{མྱེད,མེད}། ལུས་ཀྱི་རྣམ་པར་

D8.023.0155a01.01
2

ཤེས་པ་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ། ཡིད་ཀྱི་རྣམ་པར་ཤེས་པ་ཡང་{མྱེད,མེད}། ཡིད་ཀྱི་རྣམ་པར་ཤེས་པ་ལས་གུད་ན་ཡང་

D8.023.0155a02.01
3

དེ་བཞིན་ཉིད་{མྱེད་,མེད་}དེ། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་{མྱིག་,མིག་}གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ་ལ། {མྱིག་,མིག་}གི་འདུས་ཏེ་རེག་པ་ཡང་{མྱེད,མེད}། {མྱིག་,མིག་}གི་འདུས་ཏེ་རེག་པ་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། {མྱིག་,མིག་}

D8.023.0155a03.01
4

གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ་ལ། རྣ་བའི་འདུས་ཏེ་རེག་པ་ཡང་{མྱེད,མེད}། རྣ་བའི་འདུས་ཏེ་རེག་པ་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་

D8.023.0155a04.01
5

ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ་ལ། སྣའི་འདུས་ཏེ་རེག་པ་ཡང་{མྱེད,མེད}། སྣའི་འདུས་ཏེ་རེག་པ་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་

D8.023.0155a05.01
6

འབྱོར་ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ་ལ། ལྕེའི་འདུས་ཏེ་རེག་པ་ཡང་མེད། ལྕེའི་འདུས་ཏེ་རེག་པ་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་

D8.023.0155a06.01
7

རེག་པའི་དེ་བཞིན་ཉིད་དེ་ལ། ལུས་ཀྱི་འདུས་ཏེ་རེག་པ་ཡང་{མྱེད,མེད}། ལུས་ཀྱི་འདུས་ཏེ་རེག་པ་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་

D8.023.0155a07.01