完整藏文原文 · 德格版页 当前仅加载第 23 函德格 330b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
མཁྱེན་པ་ཉིད་དབེན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ལྷའི་བུ་དག་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་དབེན་པར་བཤད་པ་ལ་སེམས་{མྱི་,མི་}འཇུམ། ཡོངས་སུ་ཞུམ་པར་མི་འགྱུར་ལ། །དེའི་ཡིད་འཇིགས་
D8.023.0330b01.01པར་{མྱི་,མི་}འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་
D8.023.0330b02.01སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུམ་པར་{མྱི་,མི་}འགྱུར་བ་ཡིན། གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་མ་མཆིས་པའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་
D8.023.0330b03.01ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུམ་པར་{མྱི་,མི་}འགྱུར་རོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་དབེན་པ་དང་ཞི་བ་དང་། མ་སྐྱེས་པའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུམ་པར་{མྱི་,མི་}འགྱུར་ཏེ།
D8.023.0330b04.01བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུམ་པར་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གང་ཞུམ་པར་འགྱུར་བ་དང་། གང་གིས་ཞུམ་
D8.023.0330b05.01པར་འགྱུར་བ་དང་། གང་ལ་ཞུམ་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་ནི་མ་མཆིས་པ་སྟེ། {དམྱིགས་,དམིགས་}སུ་མ་མཆིས་སོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྐད་དུ་བཤད་པ་ལ་{མྱི་,མི་}འཇུམ་{མྱི་,མི་}
D8.023.0330b06.01འགོང་ཞིང་ཚ་ཆིད་པ་དང་། སྒྱིད་ལུག་པར་{མྱི་,མི་}འགྱུར་ལ་{མྱི་,མི་}འཇིགས་{མྱི་,མི་}སྔང་སྐྲག་པར་{མྱི་,མི་}འགྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གང་ཞུམ་པར་འགྱུར་བའམ། གང་གིས་ཞུམ་པར་
D8.023.0330b07.01