完整藏文原文 · 德格版页 当前仅加载第 23 函德格 379a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་
D8.023.0379a01.01པ་ལ་གནས་པའི་དྲུང་དུ་སེམས་ཅན་ཐམས་ཅད་ལྷགས་ནས། ཡན་ལག་དང་ཉིང་ལག་རྣམས་བཅད་གཏུབས་ཏེ་དོང་ཡང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁྲུག་པ་{མྱེད་,མེད་}དེ། གནོད་པའི་སེམས་གཅིག་ཀྱང་{མྱི་,མི་}སྐྱེད་དོ། །གཞན་དུ་ན་དེ་
D8.023.0379a02.01འདི་སྙམ་དུ་སེམས་ཏེ། དེ་ལྟར་སེམས་ཅན་ཐམས་ཅད་ཀྱིས་བདག་གི་ཡན་ལག་དང་ཉིང་ལག་བཅད་གཏུབས་ཏེ། དོང་བ་ནི་བདག་གིས་ཐོབ་པར་བྱ་བ་ལེགས་པར་ཐོབ་བོ། །བདག་གི་ལུས་རུལ་པ་འདི་ཡོངས་སུ་བཏང་བས། དེ་བཞིན་གཤེགས་པའི་སྐུ་
D8.023.0379a03.01ལྷ་རྫས་ཀྱི་རྡོ་རྗེ་ལས་བྱུང་བ་ཐོབ་པར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་
D8.023.0379a04.01ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
D8.023.0379a05.01འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་བདག་གིས་འཁོར་བ་ལས་བསྒྲལ་ཏེ། འཆི་བ་{མྱེད་,མེད་}པའི་དབྱིངས་སུ་དགོད་པར་བྱའོ་ཞེས་ལུས་དང་སེམས་ཀྱི་བརྩོན་འགྲུས་
D8.023.0379a06.01ཉམ་པར་{མྱི་,མི་}བྱེད་དེ། དགེ་བའི་རྩ་བ་དེ་ཡང་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ། ཅི་ནས་ཀྱང་གང་ཡོངས་སུ་སྔོ་བ་དང་། ཅི་ཡོངས་སུ་སྔོ་བ་དང་། གང་ལ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་དུ་{མྱི་,མི་}འགྱུར་བ་དེ་ལྟར་ཡོངས་
D8.023.0379a07.01