完整藏文原文 · 德格版页 当前仅加载第 23 函德格 195a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དཔའ་ཆེན་པོ་དེའི་{མྱིང་,མིང་}ཡང་གསེར་གྱི་མེ་ཏོག་ཅེས་བྱ་བར་འགྱུར་ཏེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་གྱི་མེ་ཏོག་ཅེས་བྱ་བ་དེ་ནས་ཤི་འཕོས་ནས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་
D8.023.0195a01.01ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་{མྱི་,མི་}འབྲལ་བར་འགྱུར་རོ། །ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁང་པ་ནས་ཁང་པར་འགྲོ་ཡང་དེ་ནམ་འཚོ་བ་དང་། ནམ་འཆི་བའི་དུས་ཀྱི་བར་དུ་རྐང་
D8.023.0195a02.01པའི་མཐིལ་གཉིས་ཀྱིས་ས་ལ་{མྱི་,མི་}འགྲོའོ། །ཀུན་དགའ་བོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་གྱི་མེ་ཏོག་ཀྱང་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱི་བར་དུ།
D8.023.0195a03.01སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་སྙེད་ཅིག་འདུས་པར་འགྱུར་བ་དེ་
D8.023.0195a04.01དག་ནི་དེ་བཞིན་གཤེགས་པའི་ཚོགས་སུ་བལྟའོ་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་ཀྱི་རྣམ་པར་རྟོག་པ་ཐུགས་ཀྱིས་ཐུགས་སུ་ཆུད་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་
D8.023.0195a05.01སྩལ་ཏོ། །ཀུན་དགའ་བོ་དེ་དེ་བཞིན་ཏེ། ཇི་ལྟར་ཡོངས་སུ་རྟོག་པ་དེ་བཞིན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་མེ་ཏོག་གི་སངས་རྒྱས་ཀྱི་ཞིང་དུ། བྱང་ཆུབ་སེམས་དཔའ་སེམས་
D8.023.0195a06.01དཔའ་ཆེན་པོ་ཇི་སྙེད་ཅིག་འདུ་བར་འགྱུར་བ་དེ་དག་ནི། དེ་བཞིན་གཤེགས་པ་འདུས་པར་བལྟ་སྟེ། དེའི་དགེ་སློང་གི་དགེ་འདུན་ཡང་ཚད་ཟིན་པར་མི་འགྱུར་རོ། །དེའི་དགེ་སློང་གི་དགེ་འདུན་ལ་ཉན་ཐོས་བརྒྱ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །
D8.023.0195a07.01