完整藏文原文 · 德格版页 当前仅加载第 23 函德格 206a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཤེས་བྱ་བ་འམ། སྟོབས་རྣམས་ཤེས་བྱ་བ་འམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཤེས་བྱ་བ་འམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་འམ། འཕགས་པའི་བདེན་པ་རྣམས་ཤེས་བྱ་བ་འམ། བསམ་གཏན་རྣམས་
D8.023.0206a01.01ཤེས་བྱ་བ་འམ། ཚད་{མྱེད་,མེད་}པ་རྣམས་ཤེས་བྱ་བ་འམ། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཤེས་བྱ་བ་འམ། རྣམ་པར་ཐར་པ་རྣམས་ཤེས་བྱ་བ་འམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཤེས་བྱ་བ་འམ། རྣམ་པར་ཐར་
D8.023.0206a02.01པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ཞེས་བྱ་བ་འམ། མངོན་པར་ཤེས་པ་རྣམས་ཤེས་བྱ་བ་འམ། ཏིང་ངེ་འཛིན་རྣམས་ཤེས་བྱ་བ་འམ། གཟུངས་ཀྱི་སྒོ་རྣམས་ཤེས་བྱ་བ་འམ། དེ་བཞིན་གཤེགས་པའི་སྟོབས་རྣམས་
D8.023.0206a03.01ཤེས་བྱ་བ་འམ། {མྱི་,མི་}འཇིགས་པ་རྣམས་ཤེས་བྱ་བ་འམ། སོ་སོ་ཡང་དག་པར་རིག་པ་རྣམས་ཤེས་བྱ་བ་འམ། བྱམས་པ་ཆེན་པོ་ཞེས་བྱ་བ་འམ། སྙིང་རྗེ་ཆེན་པོ་ཞེས་བྱ་བ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཤེས་བྱ་བར་{དམྱིགས་,དམིགས་}པ་ལ་སྤྱོད་
D8.023.0206a04.01སྤྱོད་པ་ཡིན་གྱིས། དེ་ལ་བདག་གིས་ཅི་ནས་ཀྱང་བདག་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་{དམྱིགས་,དམིགས་}པའི་ཉེས་པ་དེ་དག་{མྱེད་,མེད་}པར་བྱའོ་སྙམ་སྟེ། དེ་སེམས་བསྐྱེད་
D8.023.0206a05.01པ་དེ་ལྟ་བུ་དག་དང་ལྡན་ལ། ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་རྫོགས། མི་འཇིགས་པ་བཞི་ཡོངས་སུ་མ་རྫོགས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་
D8.023.0206a06.01རྫོགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཡོངས་སུ་མ་རྫོགས། བྱམས་པ་ཆེན་པོ་ཡོངས་སུ་མ་རྫོགས། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་དུ་{མྱི་,མི་}བྱེད་དེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
D8.023.0206a07.01