藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 103b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

{མྱེད་,མེད་}པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་

D8.023.0103b01.01
2

རེག་པ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །{མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །

D8.023.0103b02.01
3

ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །སའི་ཁམས་སྒྲིབ་པ་{མྱེད་,མེད་}པར་

D8.023.0103b03.01
4

འགྱུར་རོ། །ཆུའི་ཁམས་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །{མྱེའི་,མེའི་}ཁམས་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །རླུང་གི་ཁམས་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །ནམ་མཁའི་ཁམས་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་སྒྲིབ་པ་{མྱེད་,མེད་}པར་འགྱུར་

D8.023.0103b04.01
5

རོ། །མ་རིག་པ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །འདུ་བྱེད་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །རྣམ་པར་ཤེས་པ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །{མྱིང་,མིང་}དང་གཟུགས་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །སྐྱེ་མཆེད་དྲུག་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །རེག་པ་སྒྲིབ་པ་{མྱེད་,མེད་}པར་

D8.023.0103b05.01
6

འགྱུར་རོ། །ཚོར་བ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །སྲེད་པ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །ལེན་པ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །སྲིད་པ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །སྐྱེ་བ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །རྒ་ཤི་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །སྦྱིན་པའི་

D8.023.0103b06.01
7

ཕ་རོལ་ཏུ་ཕྱིན་པ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་པ་{མྱེད་,མེད་}པར་འགྱུར་རོ། །བསམ་གཏན་

D8.023.0103b07.01