藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 336b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྨོས་ཏེ། དེ་ནི་གནས་{མྱེད་,མེད་}དོ་ཞེས་ཟེར་བ་ནི། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ། །རབ་འབྱོར་གང་དེ་བཞིན་ཉིད་ལ་གནས་པ་དང་། གང་དེ་བཞིན་ཉིད་ལ་གནས་ཏེ། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་

D8.023.0336b01.01
2

པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་དེ་བཞིན་ཉིད་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་དེ་བཞིན་ཉིད་ལམ་གཏོགས་པར་གཞན་{དམྱིགས་,དམིགས་}སུ་{མྱེད་,མེད་}དེ། དེ་བཞིན་ཉིད་ཀྱང་{དམྱིགས་,དམིགས་}སུ་

D8.023.0336b02.01
3

མེད་ན། གང་དེ་བཞིན་ཉིད་ལ་གནས་པར་འགྱུར་བ་དང་། དེ་བཞིན་ཉིད་ལ་གནས་ཏེ། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། དེ་བཞིན་ཉིད་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་

D8.023.0336b03.01
4

ལྟ་ཅི་སྨོས་ཏེ། དེ་ནི་གནས་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་རྣམས་བྱང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་།

D8.023.0336b04.01
5

གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དེ་ནི་གནས་པའོ། །ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་{མྱེད་,མེད་}པ་ཉིད་དང་། ཡང་དག་པའི་མཐའ་དེ་ནི་གནས་པ་སྟེ། རབ་འབྱོར་དེ་བཞིན་

D8.023.0336b05.01
6

ཉིད་འདི་ལ་ནི་གང་ཡང་གནས་པར་འགྱུར་བ་{མྱེད་,མེད་}དེ། དེ་ལ་གནས་ཤིང་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་སུ་ཡང་{མྱེད་,མེད་}ན་དེ་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་ལྟ་ཅི་སྨོས་ཏེ།

D8.023.0336b06.01
7

དེ་ནི་གནས་{མྱེད་,མེད་}དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་

D8.023.0336b07.01