完整藏文原文 · 德格版页 当前仅加载第 23 函德格 215a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པའི་སངས་རྒྱས་རྣམས་ཀྱིས་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པར་རིག་པར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་སྐད་ཅེས་བརྗོད་པས་{མྱི་,མི་}མ་ཡིན་
D8.023.0215a01.01པ་དེ་གུད་དུ་སོང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་
D8.023.0215a02.01བསྟན་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་{མྱི་,མི་}ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་
D8.023.0215a03.01དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ཐབས་མཁས་པ་དང་{མྱི་,མི་}ལྡན་པ། དྲན་པ་ཉེ་བར་གཞག་པ་བཞི་ལ་མ་སྤྱད་པ། ཡང་དག་པར་སྤོང་བ་བཞི་ལ་མ་སྤྱད་པ། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་མ་སྤྱད་པ། དབང་པོ་ལྔ་ལ་མ་སྤྱད་པ། སྟོབས་ལྔ་ལ་མ་སྤྱད་པ།
D8.023.0215a04.01བྱང་ཆུབ་ཀྱི་ཡན་ལག་བདུན་ལ་མ་སྤྱད་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མ་སྤྱད་པ། འཕགས་པའི་བདེན་པ་བཞི་ལ་མ་སྤྱད་པ། བསམ་གཏན་བཞི་ལ་མ་སྤྱད་པ། ཚད་{མྱེད་,མེད་}པ་བཞི་ལ་མ་སྤྱད་པ། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་
D8.023.0215a05.01པ་བཞི་ལ་མ་སྤྱད་པ། རྣམ་པར་ཐར་པ་བརྒྱད་ལ་མ་སྤྱད་པ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མ་སྤྱད་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ལ་མ་སྤྱད་པ། བྱང་ཆུབ་སེམས་
D8.023.0215a06.01དཔའི་སྐྱོན་མེད་པར་མ་ཆུད་པའི་བདེན་པའི་བྱིན་གྱི་རླབས་ཀྱིས་བདུད་སྡིག་ཏོ་ཅན་ཉེ་བར་འོང་ནས། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདེན་པའི་བྱིན་གྱི་རླབས་བྱས་ཏེ། བདེན་པ་དང་། བདེན་པའི་ཚིག་གང་གིས་བདག་
D8.023.0215a07.01