藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 228b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྤྱོད། གཟུངས་ཀྱི་སྒོ་རྣམས་ལ་{མྱི་,མི་}སྤྱོད། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་{མྱི་,མི་}སྤྱོད། {མྱི་,མི་}འཇིགས་པ་བཞི་ལ་{མྱི་,མི་}སྤྱོད། སོ་སོ་ཡང་དག་པར་རིག་པ་བཞི་ལ་མི་སྤྱོད། བྱམས་པ་ཆེན་པོ་ལ་མི་སྤྱོད། སྙིང་རྗེ་ཆེན་པོ་ལ་{མྱི་,མི་}སྤྱོད། སངས་རྒྱས་ཀྱི་

D8.023.0228b01.01
2

ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ལ་{མྱི་,མི་}སྤྱོད། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་{མྱི་,མི་}སྤྱོད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་{མྱི་,མི་}སྤྱོད། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ལ་{མྱི་,མི་}སྤྱོད། དགྲ་བཅོམ་པ་ཉིད་ལ་{མྱི་,མི་}སྤྱོད། རང་བྱང་ཆུབ་ལ་མི་སྤྱོད། ལམ་གྱི་རྣམ་པ་

D8.023.0228b02.01
3

ཤེས་པ་ཉིད་ལ་{མྱི་,མི་}སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་{མྱི་,མི་}སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་སྤྱོད་པ་དང་། གང་གིས་སྤྱོད་པ་དང་། གང་ལ་སྤྱོད་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མི་དམིགས་སོ། །བཅོམ་ལྡན་འདས་དེ་

D8.023.0228b03.01
4

ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་དང་{མྱི་,མི་}དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་{མྱི་,མི་}ཐུབ་པ་སྟེ། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་

D8.023.0228b04.01
5

ཅད་ཀྱིས་ཟིལ་གྱིས་གནོན་པར་{མྱི་,མི་}ནུས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པའི་གནས་ཟིལ་གྱིས་{མྱི་,མི་}ནོན་པ་ལ་གནས་པས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་

D8.023.0228b05.01
6

སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བགྱིད་པ་དང་མ་བྲལ་བ་ནི་ཟིལ་གྱིས་{མྱི་,མི་}ནོན་པ་སྟེ། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་

D8.023.0228b06.01
7

གྱུར་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་{མྱེད་,མེད་}པར་{མྱིའི་,མིའི་}ལུས་ཐོབ་པར་གྱུར་ཏེ། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

D8.023.0228b07.01