完整藏文原文 · 德格版页 当前仅加载第 23 函德格 137b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དམའ་བ་མ་ཡིན་ནོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་{མྱི་,མི་}ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའ་
D8.023.0137b01.01སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་ཡིད་ལ་བྱ་བ་དང་ལྡན་ཞིང་། བུད་{མྱེད་,མེད་}ཟེ་སློང་བ་དང་། དབང་དུ་འགྱུར་བའི་སྔགས་དང་། ཆོ་ག་གང་ཅི་ཡང་རུང་སྟེ། རྩི་དེ་དག་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་{མྱི་,མི་}སྦྱོར་སྦྱོར་དུ་{མྱི་,མི་}འཇུག་སྟེ།
D8.023.0137b02.01ཟེ་སློང་བའི་བག་གཞན་དང་གཞན་དག་ཀྱང་{མྱི་,མི་}བྱེད་དོ། །བུད་{མྱེད་,མེད་}དམ་སྐྱེས་པ་གང་ཡང་རུང་སྟེ། དེ་དག་ལ་ཡོངས་སུ་བསྟན་པའི་ཆོ་འཕྲུལ་{མྱི་,མི་}བྱེད་དོ། །བུ་འམ་བུ་མོའི་རིགས་ཀྱི་ལྷ་ལྟ་བུ་ཡོད་པར་འགྱུར་རོ། །ཞེ་འམ། ཚེ་རིང་བར་འགྱུར་རོ། །
D8.023.0137b03.01ཞེས་ཡོངས་སུ་སྟོན་པའི་ཆོ་འཕྲུལ་{མྱི་,མི་}བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་མཚན་མ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། དེས་མཚན་
D8.023.0137b04.01མ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་བས་འཚོ་བ་ཡོངས་སུ་དག་པ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་། ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་{མྱི་,མི་}ལྡོག་པར་རིག་པར་བྱའོ། །རབ་
D8.023.0137b05.01འབྱོར་གཞན་ཡང་ཕྱིར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་གང་དང་། ཚུལ་གང་དང་། མཚན་མ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་{མྱི་,མི་}ལྡོག་པར་རིག་པར་བྱ་བའི་རྣམ་པ་དང་། ཚུལ་
D8.023.0137b06.01དང་། མཚན་མ་དེ་དག་བསྟན་ཀྱིས་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་གསོལ་ནས། ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་
D8.023.0137b07.01