完整藏文原文 · 德格版页 当前仅加载第 23 函德格 182a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
འཛིན་གསུམ་ལ་སྙོམས་པར་ཞུགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལམ། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན། རྨི་ལམ་ན་
D8.023.0182a01.01བསྒོམས་པས་ཀྱང་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་{རྨྱི་,རྨི་}ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་{མྱེད་,མེད་}པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིན་པར་ཤེས་རབ་ཀྱི་
D8.023.0182a02.01ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོད་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་{རྨྱི་,རྨི་}ལམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡང་ཡོད་པར་འགྱུར་རོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བྱང་
D8.023.0182a03.01ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་{རྨྱི་,རྨི་}ལམ་དུ་ལས་ཤིག་བྱས་ན། ལས་དེ་ལ་སོགས་པ་འམ་འབྲི་བར་འགྱུར་བ་ཡོད་དམ། རབ་འབྱོར་ཀྱིས་སྨྲས་པ། གལ་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་{རྨྱི་,རྨི་}ལམ་ལྟ་བུར་གསུངས་ན། དེ་ལ་{སྩོགས་,སོགས་}པ་
D8.023.0182a04.01འམ་འབྲི་བར་འགྱུར་བ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། {རྨྱི་,རྨི་}ལམ་གྱི་ཆོས་གང་ཡང་{སྩོགས་,སོགས་}པ་འམ་འབྲི་བ་{མྱི་,མི་}{དམྱིགས་,དམིགས་}པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་སད་ནས་རྣམ་པར་རྟོག་ན་ནི། ལས་དེ་ལ་{སྩོགས་,སོགས་}པ་འམ་འབྲི་
D8.023.0182a05.01བར་ཡང་འགྱུར་རོ། །རབ་འབྱོར་གྱིས་སྨྲས་པ་ཉིན་པར་སྲོག་བཅད་པ་དང་རྨི་ལམ་ན་སྲོག་བཅད་པ་དེ་ལ་འདི་སྙམ་དུ་དེ་བདག་གིས་བསད་དོ་དེ་བདག་གིས་བསད་པ་ལེགས་སོ་ཞེས་སད་དེ་རྣམ་པར་རྟོག་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལས་དེ་ལ་ཁྱོད་ཅི་སྐད་ཟེར་སྨྲས་པ་ཚེ་དང་
D8.023.0182a06.01ལྡན་པ་རབ་འབྱོར་{དམྱིགས་,དམིགས་}པ་{མྱེད་,མེད་}པར་ལས་{མྱི་,མི་}སྐྱེའོ། །{དམྱིགས་,དམིགས་}པ་{མྱེད་,མེད་}པ་སེམས་{མྱི་,མི་}འབྱུང་ངོ་། །རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། {དམྱིགས་,དམིགས་}པ་{མྱེད་,མེད་}པར་ལས་{མྱི་,མི་}སྐྱེའོ། །{དམྱིགས་,དམིགས་}པ་{མྱེད་,མེད་}པར་སེམས་པ་{མྱི་,མི་}འབྱུང་
D8.023.0182a07.01