藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 158b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འབྱོར་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་{མྱེད,མེད}། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་

D8.023.0158b01.01
2

ནི་དེ་ལྟ་བུའོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པའི་དེ་བཞིན་ཉིད་དེ་ལ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་{མྱེད,མེད}། དྲན་པ་ཉེ་བར་གཞག་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་

D8.023.0158b02.01
3

ནི་དེ་ལྟ་བུའོ། །རབ་འབྱོར་ཡང་དག་པར་སྤོང་བའི་དེ་བཞིན་ཉིད་དེ་ལ། ཡང་དག་པར་སྤོང་བ་རྣམས་ཀྱང་{མྱེད,མེད}། ཡང་དག་པར་སྤོང་བ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །

D8.023.0158b03.01
4

རབ་འབྱོར་རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་དེ་ལ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་{མྱེད,མེད}། རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་

D8.023.0158b04.01
5

དབང་པོའི་དེ་བཞིན་ཉིད་དེ་ལ་དབང་པོ་རྣམས་ཀྱང་{མྱེད,མེད}། དབང་པོ་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། དབང་པོ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སྟོབས་ཀྱི་དེ་བཞིན་ཉིད་དེ་ལ་སྟོབས་རྣམས་ཀྱང་{མྱེད,མེད}།

D8.023.0158b05.01
6

སྟོབས་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། སྟོབས་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་དེ་ལ། བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། བྱང་ཆུབ་ཀྱི་ཡན་ལག་

D8.023.0158b06.01
7

རྣམས་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་དེ་ལ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་{མྱེད,མེད}།

D8.023.0158b07.01