藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 115a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པོའི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་

D8.023.0115a01.01
2

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་

D8.023.0115a02.01
3

ཆེན་པོ་གནས་པར་འགྱུར་བའི་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཕྱིར་{མྱི་,མི་}འོང་བའི་འབྲས་བུའི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་

D8.023.0115a03.01
4

དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དགྲ་བཅོམ་པ་ཉིད་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རང་བྱང་ཆུབ་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་

D8.023.0115a04.01
5

དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་{མྱེད་,མེད་}དོ། །རབ་

D8.023.0115a05.01
6

འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དགེ་སྦྱོང་དང་བྲམ་ཟེ་འདི་དག་ནི་ཤེས་པར་བྱ་བ་ཤེས་པའོ། །བལྟ་བར་བྱ་བ་མཐོང་བའོ། །ཡང་དག་པར་ལྟ་བ་གདགས་པ་འདོགས་སོ་ཞེས་འདི་ལས་ཕྱི་རོལ་པའི་

D8.023.0115a06.01
7

དགེ་སྦྱོང་དང་། བྲམ་ཟེ་གཞན་དག་གི་ངོར་{མྱི་,མི་}ལྟ་སྟེ། དེ་ནི་གནས་{མྱེད་,མེད་}ཅིང་ཐེ་ཙོམ་{མྱི་,མི་}ཟའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་{མྱི་,མི་}སྙེམས། ལྟ་བ་ངན་པར་{མྱི་,མི་}ལྟུང་། བཀྲ་ཤིས་དང་ལྟས་ཀྱིས་གཙང་མར་{མྱི་,མི་}འདོགས་ཏེ། ལྷ་གཞན་

D8.023.0115a07.01