完整藏文原文 · 德格版页 当前仅加载第 23 函德格 135b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཡོངས་སུ་སྨྱིན་པར་བྱ་བ་ལྷུར་ལེན་པ་མ་ཡིན། སངས་རྒྱས་བལྟ་བ་ལྷུར་ལེན་པ་མ་ཡིན། དགེ་བའི་རྩ་བ་སྐྱེད་པ་ལྷུར་ལེན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས། སྟོང་
D8.023.0135b01.01པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་ལྷུར་བླང་བ་བསྐྱེད་པ་དང་། གང་གིས་སྐྱེད་པ་དང་། གང་ལ་བསྐྱེད་པར་བྱ་བའི་ཆོས་དེ་ལྟ་བུ་གང་ཡང་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་
D8.023.0135b02.01ཐམས་ཅད་ནི་ནམ་མཁའ་དང་མཚུངས་པ། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པའོ། །རབ་འབྱོར་ཕྱིར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡིད་ལ་བྱ་བ་དེ་དག་དང་ལྡན་པས་སྤྱོད་ལམ་བཞིར་འགྲོ་
D8.023.0135b03.01འམ། འོང་ན་ཡང་ནོར་པའི་སེམས་ཀྱིས་{མྱི་,མི་}འགྲོ། ནོར་པའི་སེམས་ཀྱིས་{མྱི་,མི་}འོང་། ནོར་པའི་སེམས་ཀྱིས་{མྱི་,མི་}སྡོད། ནོར་པའི་སེམས་ཀྱིས་{མྱི་,མི་}འཆག །ནོར་པའི་སེམས་ཀྱིས་{མྱི་,མི་}འདུག །ནོར་པའི་སེམས་ཀྱིས་མི་ཉལ་ཏེ། དེ་དྲན་བཞིན་དུ་འགྲོའོ་
D8.023.0135b04.01དྲན་བཞིན་དུ་འོང་ངོ་། །དྲན་བཞིན་དུ་སྡོད་དོ། །དྲན་བཞིན་དུ་འཆག་གོ། །དྲན་བཞིན་དུ་འདུག་གོ། །དྲན་བཞིན་དུ་ཉལ་ལོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
D8.023.0135b05.01པོ་ནི་ཕྱིར་{མྱི་,མི་}ལྡོག་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་གལ་ཏེ་ཕྱིར་{མྱི་,མི་}ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཁྱིམ་ན་གནས་ཀྱང་ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ཉེ་བར་ལེན་ཏོ། །
D8.023.0135b06.01དེ་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། ཟས་འདོད་པ་ལ་ཟས། སྐོམ་འདོད་པ་ལ་སྐོམ། བཞོན་པ་འདོད་པ་ལ་བཞོན་པ། གོས་འདོད་པ་ལ་གོས། མལ་ཆ་འདོད་པ་ལ་མལ་ཆ། མེ་ཏོག་འདོད་པ་ལ་མེ་ཏོག །བདུག་པ་འདོད་པ་ལ་
D8.023.0135b07.01