藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 154a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་དེ་བཞིན་

D8.023.0154a01.01
2

ཉིད་དེ་ལ་གཟུགས་ཀྱང་{མྱེད,མེད}། གཟུགས་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། གཟུགས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཚོར་བའི་དེ་བཞིན་ཉིད་དེ་ལ། ཚོར་བ་ཡང་{མྱེད,མེད}། ཚོར་བ་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། ཚོར་

D8.023.0154a02.01
3

བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་འདུ་ཤེས་ཀྱི་དེ་བཞིན་ཉིད་དེ་ལ་འདུ་ཤེས་ཀྱང་{མྱེད,མེད}། འདུ་ཤེས་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། འདུ་ཤེས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་འདུ་བྱེད་ཀྱི་དེ་བཞིན་ཉིད་དེ་ལ་འདུ་བྱེད་

D8.023.0154a03.01
4

ཀྱང་{མྱེད,མེད}། འདུ་བྱེད་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། འདུ་བྱེད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ་རྣམ་པར་ཤེས་པ་ཡང་{མྱེད,མེད}། རྣམ་པར་ཤེས་པ་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ།

D8.023.0154a04.01
5

རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་{མྱིག་,མིག་}གི་དེ་བཞིན་ཉིད་དེ་ལ་{མྱིག་,མིག་}ཀྱང་{མྱེད,མེད}། {མྱིག་,མིག་}ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། {མྱིག་,མིག་}གི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རྣ་བའི་དེ་བཞིན་ཉིད་དེ་ལ་རྣ་བ་ཡང་{མྱེད,མེད}། རྣ་བ་

D8.023.0154a05.01
6

ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། རྣ་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་སྣའི་དེ་བཞིན་ཉིད་དེ་ལ། སྣ་ཡང་{མྱེད,མེད}། སྣ་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། སྣའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ལྕེའི་དེ་བཞིན་ཉིད་དེ་ལ་ལྕེ་

D8.023.0154a06.01
7

ཡང་{མྱེད,མེད}། ལྕེ་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། ལྕེའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ལུས་ཀྱི་དེ་བཞིན་ཉིད་དེ་ལ། ལུས་ཀྱང་{མྱེད,མེད}། ལུས་ལས་གུད་ན་ཡང་དེ་བཞིན་ཉིད་{མྱེད་,མེད་}དེ། ལུས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་

D8.023.0154a07.01