藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 23 函德格 338b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འབྲས་བུ་བརྩམས་ཤིང་སྤོབས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་བརྩམས་ཤིང་སྤོབས། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་བརྩམས་ཤིང་སྤོབས། དགྲ་བཅོམ་པ་ཉིད་བརྩམས་ཤིང་སྤོབས། རང་བྱང་ཆུབ་བརྩམས་ཤིང་སྤོབས། ལམ་གྱི་

D8.023.0338b01.01
2

རྣམ་པ་ཤེས་པ་ཉིད་བརྩམས་ཤིང་སྤོབས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྩམས་ཤིང་སྤོབས་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གནས་བརྟན་རབ་འབྱོར་སྟོང་པ་ཉིད་ལ་རྣམ་པར་སྤྱོད་པས།

D8.023.0338b02.01
3

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་{མྱི་,མི་}{དམྱིགས་,དམིགས་}ན། གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལྟ་ཅི་སྨོས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་{མྱི་,མི་}{དམྱིགས་,དམིགས་}ན། གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལྟ་ཅི་སྨོས།

D8.023.0338b03.01
4

བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་{མྱི་,མི་}{དམྱིགས་,དམིགས་}ན། གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལྟ་ཅི་སྨོས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལྟ་ཅི་སྨོས།

D8.023.0338b04.01
5

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལྟ་ཅི་སྨོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་{མྱི་,མི་}{དམྱིགས་,དམིགས་}ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལྟ་ཅི་སྨོས།

D8.023.0338b05.01
6

ནང་སྟོང་པ་ཉིད་ཀྱང་{མྱི་,མི་}{དམྱིགས་,དམིགས་}ན། གང་ནང་སྟོང་པ་ཉིད་ལ་སྒོམ་པ་ལྟ་ཅི་སྨོས། ཕྱི་སྟོང་པ་ཉིད་ཀྱང་{མྱི་,མི་}{དམྱིགས་,དམིགས་}ན། གང་ཕྱི་སྟོང་པ་ཉིད་ལ་སྒོམ་པ་ལྟ་ཅི་སྨོས། ཕྱི་ནང་སྟོང་པ་ཉིད་ཀྱང་{མྱི་,མི་}{དམྱིགས་,དམིགས་}ན། གང་ཕྱི་ནང་སྟོང་པ་ཉིད་ལ་སྒོམ་

D8.023.0338b06.01
7

པ་ལྟ་ཅི་སྨོས། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་{མྱི་,མི་}{དམྱིགས་,དམིགས་}ན། གང་སྟོང་པ་ཉིད་སྟོང་པ་ཉིད་ལ་སྒོམ་པ་ལྟ་ཅི་སྨོས། ཆེན་པོ་སྟོང་པ་ཉིད་ཀྱང་{མྱི་,མི་}{དམྱིགས་,དམིགས་}ན། གང་ཆེན་པོ་སྟོང་པ་ཉིད་ལ་སྒོམ་པ་ལྟ་ཅི་སྨོས། དོན་དམ་པ་

D8.023.0338b07.01