完整藏文原文 · 德格版页 当前仅加载第 12 函德格 73b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བགྱིད་ན་ཅིར་འགྱུར་ལགས། ལྟུང་བྱེད་དོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་མ་དང་མགྲིན་གཅིག་ཏུ་
D7.012.0073b01.01ཆོས་འདོན་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ན་ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ་རེ་ཞིག་དགེ་སློང་མས་གང་ཟག་བསྙེན་པར་མ་རྫོགས་པ་དང་མགྲིན་གཅིག་
D7.012.0073b02.01ཏུ་ཆོས་འདོན་པར་བགྱིད་ན་ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློང་མ་དང་དགེ་སློང་ཆོས་འདོན་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་ཆོས་འདོན་པར་བགྱིད་ན་ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་
D7.012.0073b03.01སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི་ཉེས་བྱས་སུ་བརྗོད་པར་བྱའོ། །བཙུན་པ་རེ་ཞིག་བསླབ་པ་སྩལ་བས་གང་ཟག་བསྙེན་པར་མ་རྫོགས་པ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ན་ཅིར་འགྱུར་ལགས། ལྟུང་
D7.012.0073b04.01བྱེད་དོ།། །།སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་གླེན་པ་དང་། །གཉིད་ལོག་ར་རོ་རབ་མྱོས་དང་། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་
D7.012.0073b05.01འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་གསུངས་པ་གང་ལགས་པ། བཙུན་པ་རེ་ཞིག་
D7.012.0073b06.01དགེ་སློང་གིས་གང་ཟག་བསྙེན་པར་མ་རྫོགས་པ་ལ་ཕོ་ཉ་ལས་གནས་ངན་ལེན་གྱི་ལྟུང་བ་བརྗོད་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་
D7.012.0073b07.01