藏传佛教 · 德格甘珠尔 · 律藏

德格《甘珠尔》D7

'dul ba gzhung bla ma/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D7

完整藏文原文 · 德格版页 当前仅加载第 12 函德格 78b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གང་ཟག་ལ་བསྔོས་སོ་ཞེས་མཆི་ཡང་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་ཆོས་གོས་དེའི་སྤུན་རུང་བར་གྱུར་ལ། རྒྱུ་མི་རུང་བ་དང་། རྒྱུ་རུང་བར་གྱུར་ལ། སྤུན་མི་རུང་བ་དང་། གཉི་ག་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི་རྔ་བལ་དང་།

D7.012.0078b01.01
2

བ་ལང་གི་སྤུ་དང་། {རི་དགས་,རི་དྭགས་}ཀྱི་བལ་དང་། ར་བལ་དང་འདྲེས་པ་དང་། མ་བཏགས་པའོ། །དེ་ལྟ་བུའི་ཆོས་གོས་ཀྱི་སླད་དུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ་ཞེས་མཆི་ན་ཅིར་འགྱུར་ལགས། ཉེས་བྱས་

D7.012.0078b02.01
3

སོ། །བཙུན་པ་རེ་ཞིག་དགེ་འདུན་གྱི་ཆོས་གོས་ཁྲུ་གང་བ་མ་འཚལ་བ་ཞིག་རྙེད་པར་གྱུར་ཏེ། དེ་ལ་དགེ་སློང་གིས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ་ཞེས་མཆི་ན་ཅིར་

D7.012.0078b03.01
4

འགྱུར་ལགས། ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཆོས་གོས་རྙེད་པ་མ་གཏོགས་པ་དེ་ལས་གཞན་པའི་རྙེད་པ་རྣམས་ཀྱི་སླད་དུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ་ཞེས་མཆི་ན་ཅིར་འགྱུར་ལགས།

D7.012.0078b04.01
5

ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་འདུན་གྱིས་དགེ་སློང་དེའི་མངོན་སུམ་དུ་མ་བབ་པར་ཆོས་གོས་སྩོལ་བར་གྱུར་པ་ལས། དེའི་འོག་ཏུ་མཆིས་ནས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ་ཞེས་མཆི་ན་ཅིར་

D7.012.0078b05.01
6

འགྱུར་ལགས། ཉེས་བྱས་སོ། །བཙུན་པ་རེ་ཞིག་བསླབ་པ་སྩལ་བས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ་ཞེས་མཆི་ན་ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་

D7.012.0078b06.01
7

པ་རེ་ཞིག་དགེ་སློང་མས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ་ཞེས་མཆི་ན་ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་

D7.012.0078b07.01