藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 4a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྟོང་པ་ཉིད་ནང་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །ཕྱི་སྟོང་པ་ཉིད་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྟོང་པ་ཉིད་ཕྱི་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །

D8.018.0004a01.01
2

ཕྱི་ནང་སྟོང་པ་ཉིད་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྟོང་པ་ཉིད་ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་

D8.018.0004a02.01
3

བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །ཆེན་པོ་སྟོང་པ་ཉིད་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྟོང་པ་ཉིད་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་

D8.018.0004a03.01
4

སྟོང་པ་ཉིད་དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །འདུས་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྟོང་པ་ཉིད་འདུས་བྱས་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །འདུས་མ་བྱས་

D8.018.0004a04.01
5

སྟོང་པ་ཉིད་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྟོང་པ་ཉིད་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྟོང་པ་ཉིད་མཐའ་

D8.018.0004a05.01
6

ལས་འདས་པ་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྟོང་པ་ཉིད་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །

D8.018.0004a06.01
7

དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྟོང་པ་ཉིད་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །རང་བཞིན་སྟོང་པ་ཉིད་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། །སྟོང་པ་ཉིད་

D8.018.0004a07.01