藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 271b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རང་བཞིན་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། {མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། དངོས་པོ་

D8.018.0271b01.01
2

{མྱེད་,མེད་}པ་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་མ་ཐོས་མ་བསྒོམས་པ་དང་། ཡང་

D8.018.0271b02.01
3

དག་པར་སྤོང་བ་རྣམས་མ་ཐོས་མ་བསྒོམས་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཐོས་མ་བསྒོམས་པ་དང་། དབང་པོ་རྣམས་མ་ཐོས་མ་བསྒོམས་པ་དང་། སྟོབས་རྣམས་མ་ཐོས་མ་བསྒོམས་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཐོས་མ་

D8.018.0271b03.01
4

བསྒོམས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཐོས་མ་བསྒོམས་པ་དང་། འཕགས་པའི་བདེན་པ་རྣམས་མ་ཐོས་མ་བསྒོམས་པ་དང་། བསམ་གཏན་རྣམས་མ་ཐོས་མ་བསྒོམས་པ་དང་། ཚད་{མྱེད་,མེད་}པ་རྣམས་མ་ཐོས་མ་

D8.018.0271b04.01
5

བསྒོམས་པ་དང་། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་མ་ཐོས་མ་བསྒོམས་པ་དང་། རྣམ་པར་ཐར་པ་བརྒྱད་མ་ཐོས་མ་བསྒོམས་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མ་ཐོས་མ་བསྒོམས་པ་དང་།

D8.018.0271b05.01
6

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་མ་ཐོས་མ་བསྒོམས་པ་དང་། མངོན་པར་ཤེས་པ་རྣམས་མ་ཐོས་མ་བསྒོམས་པ་དང་། ཏིང་ངེ་འཛིན་རྣམས་མ་ཐོས་མ་བསྒོམས་པ་དང་། གཟུངས་ཀྱི་སྒོ་

D8.018.0271b06.01
7

རྣམས་མ་ཐོས་མ་བསྒོམས་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ཐོས་མ་བསྒོམས་པ་དང་། {མྱི་,མི་}འཇིགས་པ་རྣམས་མ་ཐོས་མ་བསྒོམས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་མ་ཐོས་མ་བསྒོམས་པ་དང་། བྱམས་པ་

D8.018.0271b07.01