藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 54b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་{མྱི་,མི་}འགལ་རྣམ་པར་{མྱི་,མི་}འགལ་ལོ། །གང་{མྱི་,མི་}འགལ་རྣམ་པར་{མྱི་,མི་}འགལ་བ་དེ་ནི་གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་{མྱེད་,མེད་}དོ། །ཀཽ་ཤི་ཀ་

D8.018.0054b01.01
2

རྒྱུན་ཏུ་ཞུགས་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ལན་ཅིག་ཕྱིར་འོང་བ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་

D8.018.0054b02.01
3

ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཕྱིར་{མྱི་,མི་}འོང་བ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་

D8.018.0054b03.01
4

ཀ་དགྲ་བཅོམ་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རང་སངས་རྒྱས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་

D8.018.0054b04.01
5

དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་

D8.018.0054b05.01
6

ཀ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་

D8.018.0054b06.01
7

དེ་ནི་{མྱི་,མི་}འགལ་རྣམ་པར་{མྱི་,མི་}འགལ་ལོ། གང་{མྱི་,མི་}འགལ་རྣམ་པར་{མྱི་,མི་}འགལ་བ་དེ་གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་{མྱེད་,མེད་}དོ། །ཀཽ་ཤི་ཀ་དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་བཏགས་པ་དང་ཡང་འགལ་བར་{མྱི་,མི་}བྱེད་ལ་ཆོས་ཉིད་ཀྱང་{སྟོནད་,སྟོན་}

D8.018.0054b07.01