藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 336b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

མཆོད་རྟེན་རིན་པོ་ཆེ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཀྱང་{མྱེ་,མེ་}ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་

D8.018.0336b01.01
2

བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །སྟེང་གི་ཕྱོགས་ཀྱི་སངས་རྒྱས་

D8.018.0336b02.01
3

བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བདག་ཀྱང་མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་

D8.018.0336b03.01
4

གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་གྲོར་བྱ་

D8.018.0336b04.01
5

བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །ཀཽ་ཤི་ཀ་དེ་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་{རྨྱི་,རྨི་}ལམ་བཟང་པོ་དེ་ལྟ་བུ་དག་མཐོང་བར་འགྱུར་ཏེ། དེ་དག་བདེ་བར་ཉལ་ཞིང་

D8.018.0336b05.01
6

བདེ་བར་ལྡང་བར་འགྱུར་རོ། །དེའི་ལུས་ཀྱང་མདངས་དང་ལྡན་པར་འགྱུར། ལུས་ལ་ཡང་བའི་ཉམས་ཡོད་པར་འགྱུར། ལྕི་བའི་ཉམས་{མྱེད་,མེད་}པར་འགྱུར། ཟས་ལ་ཆེར་ཆགས་པ་{མྱེད་,མེད་}པར་འགྱུར། གོས་ལ་ཆགས་པ་{མྱེད་,མེད་}པར་འགྱུར།

D8.018.0336b06.01
7

ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་ལ་ཆགས་པ་{མྱེད་,མེད་}པར་འགྱུར། ཟས་ཀྱི་འདུ་ཤེས་ཆུང་བར་འགྱུར། གོས་ཀྱི་འདུ་ཤེས་ཆུང་བར་འགྱུར། ནད་ཀྱི་རྐྱེན་སྨན་དང་ཡོ་བྱད་ཀྱི་འདུ་ཤེས་ཀྱང་ཆུང་བར་འགྱུར་རོ། །ཀཽ་ཤི་ཀ་དེ་ནི་འདི་ལྟར་དཔེར་ན། རྣལ་

D8.018.0336b07.01