藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 261b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བར་གནས་སོ། །དེ་འཕགས་པའི་བདེན་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་བསམ་གཏན་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་

D8.018.0261b01.01
2

{དམྱིགས་,དམིགས་}པ་མ་མཆིས། དེ་ཚད་{མྱེད་,མེད་}པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

D8.018.0261b02.01
3

ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་རྣམ་པར་ཐར་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམ་

D8.018.0261b03.01
4

ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་

D8.018.0261b04.01
5

{དམྱིགས་,དམིགས་}པ་མ་མཆིས། དེ་མངོན་པར་ཤེས་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་ཏིང་ངེ་འཛིན་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}

D8.018.0261b05.01
6

པ་མ་མཆིས། དེ་གཟུངས་ཀྱི་སྒོ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་

D8.018.0261b06.01
7

ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །དེ་དེ་བཞིན་གཤེགས་པའི་སྟོབས་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་{མྱི་,མི་}འཇིགས་

D8.018.0261b07.01