完整藏文原文 · 德格版页 当前仅加载第 18 函德格 129b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །སྣ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། སྣ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །ལྕེ་ལས་ཀྱང་བཙལ་བར་མི་བྱ། ལྕེ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །ལུས་ལས་ཀྱང་བཙལ་བར་{མྱི་,མི་}བྱ། ལུས་
D8.018.0129b01.01ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །ཡིད་ལས་ཀྱང་བཙལ་བར་{མྱི་,མི་}བྱ། ཡིད་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་{མྱིག་,མིག་}གང་ཡིན་པ་དང་། རྣ་བ་གང་ཡིན་པ་དང་། སྣ་གང་ཡིན་པ་དང་། ལྕེ་
D8.018.0129b02.01གང་ཡིན་པ་དང་། ལུས་གང་ཡིན་པ་དང་། ཡིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་{མྱི་,མི་}ལྡན་པ་ཡང་མ་ཡིན།
D8.018.0129b03.01གཟུགས་{མྱེད་,མེད་}པ། བལྟར་{མྱེད་,མེད་}པ། ཐོགས་པ་{མྱེད་,མེད་}པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་{མྱེད་,མེད་}པའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ལས་ཀྱང་བཙལ་བར་
D8.018.0129b04.01{མྱི་,མི་}བྱ། གཟུགས་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །སྒྲ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། སྒྲ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །དྲི་ལས་ཀྱང་བཙལ་བར་{མྱི་,མི་}བྱ། དྲི་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །རོ་ལས་ཀྱང་བཙལ་བར་{མྱི་,མི་}བྱ།
D8.018.0129b05.01རོ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །རེག་ལས་ཀྱང་བཙལ་བར་{མྱི་,མི་}བྱ། རེག་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །ཆོས་ལས་ཀྱང་བཙལ་བར་{མྱི་,མི་}བྱ། ཆོས་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་
D8.018.0129b06.01ལྟར་གཟུགས་གང་ཡིན་པ་དང་། སྒྲ་གང་ཡིན་པ་དང་། དྲི་གང་ཡིན་པ་དང་། རོ་གང་ཡིན་པ་དང་། རེག་གང་ཡིན་པ་དང་། ཆོས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་
D8.018.0129b07.01