完整藏文原文 · 德格版页 当前仅加载第 18 函德格 131a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། །
D8.018.0131a01.01ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །
D8.018.0131a02.01ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་{མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
D8.018.0131a03.01ཚོར་བ་གང་ཡིན་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
D8.018.0131a04.01ཚོར་བ་གང་ཡིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་
D8.018.0131a05.01ཡིན་{མྱི་,མི་}ལྡན་པ་ཡང་མ་ཡིན། གཟུགས་{མྱེད་,མེད་}པ། བལྟར་{མྱེད་,མེད་}པ། ཐོགས་པ་{མྱེད་,མེད་}པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་{མྱེད་,མེད་}པའོ། ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
D8.018.0131a06.01པ་ནི། སའི་ཁམས་ལས་ཀྱང་བཙལ་བར་{མྱི་,མི་}བྱ། སའི་ཁམས་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །ཆུའི་ཁམས་ལས་ཀྱང་བཙལ་བར་{མྱི་,མི་}བྱ། ཆུའི་ཁམས་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །{མྱེའི་,མེའི་}ཁམས་ལས་ཀྱང་བཙལ་བར་{མྱི་,མི་}
D8.018.0131a07.01