藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 307b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སུ་བརྗོད་པ་མ་མཛད་དོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་{མྱིང་,མིང་}ཡོངས་སུ་བརྗོད་པ་མཛད་པ་དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུའི་{མྱིང་,མིང་}ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་{མྱི་,མི་}འཇིགས་པ་བཞིའི་{མྱིང་,མིང་}ཡང་ཡོངས་སུ་བརྗོད་པ་

D8.018.0307b01.01
2

མ་མཛད། དེ་ལྟར་སོ་སོ་ཡང་དག་པར་རིག་པ་བཞིའི་{མྱིང་,མིང་}ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་སྙིང་རྗེ་ཆེན་པོའི་{མྱིང་,མིང་}ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཀྱི་{མྱིང་,མིང་}ཡང་ཡོངས་སུ་བརྗོད་པ་མ་

D8.018.0307b02.01
3

མཛད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་

D8.018.0307b03.01
4

པ་བཞི་དང་། བསམ་གཏན་བཞི་དང་། ཚད་{མྱེད་,མེད་}པ་བཞི་དང་། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་

D8.018.0307b04.01
5

ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། {མྱི་,མི་}འཇིགས་པ་བཞི་དང་། སོ་སོ་ཡང་དག་

D8.018.0307b05.01
6

པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་དག་གི་ཐོག་མར་འགྲོ་བའོ། །ཀུན་ཏུ་འདྲེན་པའོ། །ཀུན་དགའ་བོ་དེ་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་སྦྱིན་པ་སྦྱིན་པའི་

D8.018.0307b06.01
7

ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། །གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཅི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་ཚུལ་ཁྲིམས་ཚུལ་ཁྲིམས་

D8.018.0307b07.01