完整藏文原文 · 德格版页 当前仅加载第 18 函德格 73b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
{མྱེད་,མེད་}པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ལ་གང་སློབ་པ་དང་། གཉིས་སུ་བྱར་{མྱེད་,མེད་}པར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གང་སློབ་པ་དང་། གཉིས་སུ་བྱར་{མྱེད་,མེད་}པར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གང་སློབ་པ་དང་། གཉིས་སུ་བྱར་{མྱེད་,མེད་}པར་ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ལ་གང་
D8.018.0073b01.01སློབ་པ་དང་། གཉིས་སུ་བྱར་{མྱེད་,མེད་}པར་དགྲ་བཅོམ་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་{མྱེད་,མེད་}པར་རང་བྱང་ཆུབ་ལ་གང་སློབ་པ་དང་། གཉིས་སུ་བྱར་{མྱེད་,མེད་}པར་སངས་རྒྱས་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་{མྱེད་,མེད་}པར་ཐམས་ཅད་མཁྱེན་པ་ཉིད་ལ་གང་སློབ་པ་དང་། གཉིས་
D8.018.0073b02.01སུ་བྱར་{མྱེད་,མེད་}པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གང་སློབ་པ་དེ་ནི། གཉིས་སུ་བྱར་{མྱེད་,མེད་}པར་སངས་རྒྱས་ཀྱི་ཆོས་གྲངས་{མྱེད་,མེད་}ཚད་{མྱེད་,མེད་}པ་ལ་སློབ་བོ། །གཉིས་སུ་བྱར་{མྱེད་,མེད་}པར་སངས་རྒྱས་ཀྱི་ཆོས་གྲངས་{མྱེད་,མེད་}ཚད་{མྱེད་,མེད་}པ་ལ་གང་སློབ་པ་དེ་ནི། གཟུགས་འཕེལ་བར་བྱ་བ་དང་།
D8.018.0073b03.01འགྲིབ་པར་བྱ་བའི་ཕྱིར་{མྱི་,མི་}སློབ་བོ། །ཚོར་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་{མྱི་,མི་}སློབ་བོ། །འདུ་ཤེས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་{མྱི་,མི་}སློབ་བོ། །འདུ་བྱེད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་{མྱི་,མི་}སློབ་བོ། །རྣམ་པར་ཤེས་
D8.018.0073b04.01པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་{མྱི་,མི་}སློབ་བོ། །{མྱིག་,མིག་}འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་{མྱི་,མི་}སློབ་བོ། །རྣ་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་{མྱི་,མི་}སློབ་བོ། །སྣ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་{མྱི་,མི་}སློབ་བོ། ལྕེ་
D8.018.0073b05.01འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་{མྱི་,མི་}སློབ་བོ། །ལུས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་{མྱི་,མི་}སློབ་བོ། །ཡིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་{མྱི་,མི་}སློབ་བོ། །གཟུགས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་{མྱི་,མི་}སློབ་བོ། །
D8.018.0073b06.01སྒྲ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་{མྱི་,མི་}སློབ་བོ། །དྲི་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་{མྱི་,མི་}སློབ་བོ། །རོ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་{མྱི་,མི་}སློབ་བོ། །རེག་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་{མྱི་,མི་}སློབ་བོ །
D8.018.0073b07.01