完整藏文原文 · 德格版页 当前仅加载第 18 函德格 339a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ལ་བདག་རིམ་གྲོར་མ་མཆིས་པ་ཡང་མ་ལགས། {མྱི་,མི་}རྟོན་པ་ཡང་མ་ལགས། བཙུན་པར་{མྱི་,མི་}བགྱིད་པ་ཡང་མ་ལགས་ཏེ། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པའི་སྐུ་
D8.018.0339a01.01གདུང་ལ་རིམ་གྲོར་བགྱི་བར་{མྱི་,མི་}འཚལ་བ་འམ། བཀུར་སྟིར་བགྱི་བར་མི་འཚལ་བ་འམ། ཕུ་དུད་དུ་བགྱི་བར་{མྱི་,མི་}འཚལ་བ་འམ། མཆོད་པར་བགྱི་བར་{མྱི་,མི་}འཚལ་བ་ཡང་མ་ལགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་
D8.018.0339a02.01དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་སྟེ། དེའི་སླད་དུ་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཀྱང་རིམ་གྲོར་བགྱི་བ་ལགས། བཀུར་སྟིར་བགྱི་བ་ལགས། ཕུ་དུད་དུ་བགྱི་བ་ལགས། མཆོད་པར་བགྱི་བ་ལགས། སྐུ་གདུང་དེ་དག་
D8.018.0339a03.01ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྒྲུབས་པ་སྟེ། དེའི་སླད་དུ་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་མཆོད་པ་མངའ་བ་ལགས་ཏེ། བཅོམ་ལྡན་འདས་ནམ་བདག་དེ་བཞིན་གཤེགས་པའི་སྐུ་གདུང་ལ་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་
D8.018.0339a04.01ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་སྣ་ཚོགས་ཀྱིས་
D8.018.0339a05.01རིམ་གྲོར་བགྱིད་ཅིང་། བཀུར་སྟིར་བགྱིད་པ་དང་། ཕུ་དུད་དུ་བགྱིད་པ་དང་། མཆོད་པར་བགྱིད་པའི་ཚེ་ཡང་དེ་བཞིན་གཤེགས་པའི་སྐུ་གདུང་འདི་གཤེགས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ལགས་པས་ན། ལྷ་དང་། {མྱི་,མི་}དང་། ལྷ་མ་
D8.018.0339a06.01ཡིན་དུ་བཅས་པའི་འཇིག་རྟེན་གྱིས་རིམ་གྲོར་བགྱི་བ་ལགས། བཀུར་སྟིར་བགྱི་བ་ལགས། ཕུ་དུད་དུ་བགྱི་བ་ལགས། མཆོད་པར་བགྱི་བ་ལགས་པས་བསྲུང་ཞིང་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པར་བགྱིད་དོ། །
D8.018.0339a07.01