完整藏文原文 · 德格版页 当前仅加载第 18 函德格 344a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
གྱིས་{མྱི་,མི་}ཁྱབ་པའི་དབྱིངས་དེ་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་མེད་དོ། །ཀཽ་ཤི་ཀ་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་
D8.018.0344a01.01ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་དེ་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །ཀཽ་ཤི་ཀ་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། བསམ་
D8.018.0344a02.01གྱིས་{མྱི་,མི་}ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་དེ་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །ཀཽ་ཤི་ཀ་གང་སྦྱིན་
D8.018.0344a03.01པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་དེ་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་
D8.018.0344a04.01སུ་བྱར་{མྱེད་,མེད་}དོ།། །།ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་ལྔ་པ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་
D8.018.0344a05.01ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ལྷ་དང་། {མྱི་,མི་}དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བར་འོས་པ་སྟེ། དེ་ལ་བསླབས་པས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་{མྱེད་,མེད་}པ་ཡང་དག་པར་
D8.018.0344a06.01རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་གང་གི་ཚེ་བདག་ཆོས་བཟང་པོའི་ལྷའི་འཁོར་དུ་བདག་ཉིད་ཀྱི་
D8.018.0344a07.01