藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 50a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་{མྱི་,མི་}འགལ་རྣམ་པར་{མྱི་,མི་}འགལ་ལོ། །གང་{མྱི་,མི་}འགལ་རྣམ་པར་{མྱི་,མི་}འགལ་བ་དེ། གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་{མྱེད་,མེད་}དོ། །ཀཽ་ཤི་ཀ་{མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་

D8.018.0050a01.01
2

ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་

D8.018.0050a02.01
3

དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་ཀྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་

D8.018.0050a03.01
4

བར་བསྟན་ཏོ། །ཀཽ་ཤི་ཀ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་

D8.018.0050a04.01
5

ཀྱིས་ཚོར་བ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་བཏགས་པ་ཙམ་མོ། །བཏགས་པ་

D8.018.0050a05.01
6

ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་{མྱི་,མི་}འགལ་རྣམ་པར་{མྱི་,མི་}འགལ་ལོ། །གང་{མྱི་,མི་}འགལ་རྣམ་པར་{མྱི་,མི་}འགལ་བ་

D8.018.0050a06.01
7

དེ། གནས་བརྟན་རབ་འབྱོར་ཀྱིས་བསྟན་ཏེ་འགལ་བ་{མྱེད་,མེད་}དོ། །ཀཽ་ཤི་ཀ་སའི་ཁམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །

D8.018.0050a07.01