完整藏文原文 · 德格版页 当前仅加载第 18 函德格 308b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སུ་བསྔོས་པའི་ཤེས་རབ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གཉིས་སུ་{མྱེད་,མེད་}པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་
D8.018.0308b01.01པ་ཡིན་ནོ། །{མྱི་,མི་}སྐྱེ་བའི་ཚུལ་དང་། མི་{དམྱིགས་,དམིགས་}པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཉིས་སུ་{མྱེད་,མེད་}པའི་ཚུལ་གྱིས། །རྣམ་པ་ཐམས་ཅད་མཁྱེན་
D8.018.0308b02.01པ་ཉིད་དུ་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །{མྱི་,མི་}སྐྱེ་བའི་ཚུལ་དང་། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ནི། ཚུལ་
D8.018.0308b03.01ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཉིས་སུ་{མྱེད་,མེད་}པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བཟོད་པ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །{མྱི་,མི་}སྐྱེ་བའི་ཚུལ་དང་། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་
D8.018.0308b04.01གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བཟོད་པ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཉིས་སུ་{མྱེད་,མེད་}པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ནི། བརྩོན་
D8.018.0308b05.01འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །{མྱི་,མི་}སྐྱེ་བའི་ཚུལ་དང་། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཉིས་སུ་{མྱེད་,མེད་}པའི་
D8.018.0308b06.01ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བསམ་གཏན་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །{མྱི་,མི་}སྐྱེ་བའི་ཚུལ་དང་། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་
D8.018.0308b07.01