藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 91b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་{མྱིང་,མིང་}དང་གཟུགས་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་{མྱིང་,མིང་}དང་གཟུགས་ལ་{མྱིང་,མིང་}དང་གཟུགས་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་སྐྱེ་མཆེད་དྲུག་ལ་ཡོངས་སུ་འཛིན་པ་

D8.018.0091b01.01
2

{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་སྐྱེ་མཆེད་དྲུག་ལ་སྐྱེ་མཆེད་དྲུག་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་རེག་པ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་རེག་པ་ལ་རེག་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་ཚོར་བ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་

D8.018.0091b02.01
3

སྟོང་པ་ཉིད་ཀྱི་ཕྱིར་ཚོར་བ་ལ་ཚོར་བ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་སྲེད་པ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་སྲེད་པ་ལ་སྲེད་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་ལེན་པ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་

D8.018.0091b03.01
4

ལེན་པ་ལ་ལེན་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་སྲིད་པ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་སྲིད་པ་ལ་སྲིད་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་སྐྱེ་བ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་སྐྱེ་བ་ལ་སྐྱེ་བ་ཡོངས་སུ་{མྱི་,མི་}

D8.018.0091b04.01
5

འཛིན་ཏོ། །དེ་ནི་འདི་ལྟར་རྒ་ཤི་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་རྒ་ཤི་ལ་རྒ་ཤི་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་{ཕྱིནད་,ཕྱིན་}པ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱིན་པའི་

D8.018.0091b05.01
6

ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་བཟོད་

D8.018.0091b06.01
7

པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་

D8.018.0091b07.01