完整藏文原文 · 德格版页 当前仅加载第 18 函德格 220b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་མཐའ་ཡས་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་མཐའ་ཡས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐའ་ཡས་པ་དང་། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་མཐའ་ཡས་པ་དང་། དགྲ་བཅོམ་པ་ཉིད་མཐའ་
D8.018.0220b01.01ཡས་པ་དང་། རང་བྱང་ཆུབ་མཐའ་ཡས་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་མཐའ་ཡས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐའ་ཡས་པའི་ཕྱིར་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀཽ་ཤི་ཀ་གཞན་ཡང་{དམྱིགས་,དམིགས་}
D8.018.0220b02.01པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྒྱ་བྱིན་ཀྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་རྣམ་པ་གང་གིས་ན་{དམྱིགས་,དམིགས་}པ་
D8.018.0220b03.01མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་བྱ། །རབ་{འབྱོརད་,འབྱོར་}ཀྱིས་སྨྲས་པ། ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
D8.018.0220b04.01{དམྱིགས་,དམིགས་}པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀཽ་ཤི་ཀ་གཞན་ཡང་ཆོས་{དམྱིགས་,དམིགས་}པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་
D8.018.0220b05.01སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་རྣམ་པ་གང་གིས་ན་ཆོས་{དམྱིགས་,དམིགས་}པ་མཐའ་ཡས་པའི་ཕྱིར། བྱང་
D8.018.0220b06.01ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་བྱ། །རབ་{འབྱོརད་,འབྱོར་}ཀྱིས་སྨྲས་པ། ཀཽ་ཤི་ཀ་ཆོས་ཀྱི་དབྱིངས་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་
D8.018.0220b07.01