藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 177b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འདུ་བྱེད་ཚད་{མྱེད་,མེད་}དོ། །འདུ་བྱེད་ཚད་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}དོ། །ཀཽ་ཤི་ཀ་རྣམ་པར་ཤེས་པ་ཚད་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་{མྱེད་,མེད་}པ་སྟེ། དེ་ཅིའི་ཕྱིར་

D8.018.0177b01.01
2

ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཤེས་པའི་ཚད་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་དེ་བཞིན་དུ་རྣམ་པར་ཤེས་པའི་ཚད་ཀྱང་{དམྱིགས་,དམིགས་}སུ་{མྱེད་,མེད་}དེ། ནམ་མཁའ་ཚད་{མྱེད་,མེད་}པའི་ཕྱིར་

D8.018.0177b02.01
3

རྣམ་པར་ཤེས་པ་ཚད་{མྱེད་,མེད་}དོ། །རྣམ་པར་ཤེས་པ་ཚད་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}དོ། །ཀཽ་ཤི་ཀ་{མྱིག་,མིག་}ཚད་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་{མྱེད་,མེད་}པ་སྟེ།

D8.018.0177b03.01
4

དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་{མྱིག་,མིག་}གི་ཚད་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་དེ་བཞིན་དུ་{མྱིག་,མིག་}གི་ཚད་ཀྱང་{དམྱིགས་,དམིགས་}སུ་{མྱེད་,མེད་}དེ། ནམ་མཁའ་ཚད་{མྱེད་,མེད་}པའི་ཕྱིར།

D8.018.0177b04.01
5

{མྱིག་,མིག་}ཚད་{མྱེད་,མེད་}དོ། །{མྱིག་,མིག་}ཚད་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}དོ། །ཀཽ་ཤི་ཀ་རྣ་བ་ཚད་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་{མྱེད་,མེད་}པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་

D8.018.0177b05.01
6

ཀ་དེ་ནི་འདི་ལྟར་རྣ་བའི་ཚད་ནི་དམིགས་སུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་དེ་བཞིན་དུ་རྣ་བའི་ཚད་ཀྱང་{དམྱིགས་,དམིགས་}སུ་{མྱེད་,མེད་}དེ། ནམ་མཁའ་ཚད་{མྱེད་,མེད་}པའི་ཕྱིར། རྣ་བ་ཚད་{མྱེད་,མེད་}དོ། །རྣ་བ་ཚད་

D8.018.0177b06.01
7

{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}དོ། །ཀཽ་ཤི་ཀ་སྣ་ཚད་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་{མྱེད་,མེད་}པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སྣའི་ཚད་

D8.018.0177b07.01