藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 171a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རེག་པའི་རྐྱེན་ཀྱིས་ཚོར་བ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྔོན་གྱི་

D8.018.0171a01.01
2

མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་{མྱི་,མི་}{དམྱིགས,དམིགས}། དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན།

D8.018.0171a02.01
3

ཀཽ་ཤི་ཀ་དེ་ནི་འདི་ལྟར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྔོན་གྱི་མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་{མྱི་,མི་}{དམྱིགས,དམིགས}། དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་སའི་ཁམས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་

D8.018.0171a03.01
4

རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སའི་ཁམས་ཀྱི་སྔོན་གྱི་མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་{མྱི་,མི་}{དམྱིགས,དམིགས}། དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་ཆུའི་ཁམས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་

D8.018.0171a04.01
5

དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཆུའི་ཁམས་ཀྱི་སྔོན་གྱི་མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་{མྱི་,མི་}{དམྱིགས,དམིགས}། དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་{མྱེའི་,མེའི་}ཁམས་རྒྱ་ཆེ་བའི་ཕྱིར། །བྱང་

D8.018.0171a05.01
6

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་{མྱེའི་,མེའི་}ཁམས་ཀྱི་སྔོན་གྱི་མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་{མྱི་,མི་}{དམྱིགས,དམིགས}། དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་རླུང་གི་

D8.018.0171a06.01
7

ཁམས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རླུང་གི་ཁམས་ཀྱི་སྔོན་གྱི་མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་{མྱི་,མི་}{དམྱིགས,དམིགས}། དབུས་{མྱི་,མི་}

D8.018.0171a07.01