藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 69a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་{མྱེད་,མེད་}པར་ལམ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་{མྱེད་,མེད་}པར་འཕགས་པའི་བདེན་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་བསམ་གཏན་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་ཚད་མེད་པ་སྟོང་པ་ཉིད་ལ་སློབ་

D8.018.0069a01.01
2

བོ། །དེ་གཉིས་སུ་བྱར་མེད་པར་གཟུགས་མེད་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་རྣམ་པར་ཐར་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་{མྱེད་,མེད་}པར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་{མྱེད་,མེད་}པར་

D8.018.0069a02.01
3

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་{མྱེད་,མེད་}པར་མངོན་པར་ཤེས་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་{མྱེད་,མེད་}པར་ཏིང་ངེ་འཛིན་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་{མྱེད་,མེད་}པར་

D8.018.0069a03.01
4

གཟུངས་ཀྱི་སྒོ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་{མྱེད་,མེད་}པར་དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་{མྱེད་,མེད་}པར་{མྱི་,མི་}འཇིགས་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་{མྱེད་,མེད་}པར་སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་

D8.018.0069a04.01
5

སུ་བྱར་{མྱེད་,མེད་}པར་བྱམས་པ་ཆེན་པོ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་{མྱེད་,མེད་}པར་སྙིང་རྗེ་ཆེན་པོ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་{མྱེད་,མེད་}པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་ཐམས་ཅད་ཤེས་པ་ཉིད་

D8.018.0069a05.01
6

སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་{མྱེད་,མེད་}པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་ལ་སློབ་བོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ།

D8.018.0069a06.01
7

བམ་པོ་དྲུག་པ། ཀཽ་ཤི་ཀ་གཟུགས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་{མྱེད་,མེད་}པར་སློབ་པ་དང་། ཚོར་བ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་{མྱེད་,མེད་}པར་སློབ་པ་དང་། འདུ་ཤེས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་{མྱེད་,མེད་}པར་སློབ་པ་དང་། འདུ་བྱེད་སྟོང་པ་ཉིད་ལ་

D8.018.0069a07.01