藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 94a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཕྱིར། {མྱི་,མི་}འཇིགས་པ་རྣམས་ལ་{མྱི་,མི་}འཇིགས་པ་རྣམས་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་སོ་སོ་ཡང་

D8.018.0094a01.01
2

དག་པར་རིག་པ་རྣམས་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་བྱམས་པ་ཆེན་པོ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་བྱམས་པ་ཆེན་པོ་ལ་བྱམས་པ་ཆེན་པོ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་སྙིང་རྗེ་ཆེན་པོ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་

D8.018.0094a02.01
3

ནང་སྟོང་པ་ཉིད་ཀྱི་ཕྱིར་སྙིང་རྗེ་ཆེན་པོ་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་

D8.018.0094a03.01
4

རྣམས་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་ཐམས་ཅད་ཤེས་པ་ཉིད་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ཐམས་ཅད་ཤེས་པ་ཉིད་ལ་ཐམས་ཅད་ཤེས་པ་ཉིད་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡོངས་

D8.018.0094a04.01
5

སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་

D8.018.0094a05.01
6

མཁྱེན་པ་ཉིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་{མྱི་,མི་}འཛིན་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་

D8.018.0094a06.01
7

པ་ཉིད་དུ་འབྱུང་ངོ་། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་ཡིན་ནམ། །རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་

D8.018.0094a07.01