藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 55b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པར་བྱ་བའི་སྒྲ་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ལྕེ་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ལྕེ་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། ལུས་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་

D8.018.0055b01.01
2

པར་བྱ་བའི་ལུས་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ཡིད་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཡིད་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་

D8.018.0055b02.01
3

པ་ནི། གཟུགས་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་གཟུགས་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །སྒྲ་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་སྒྲ་དེ་ཡང་དག་པར་རྗེས་སུ་

D8.018.0055b03.01
4

{མྱི་,མི་}མཐོང་ངོ་། །དྲི་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དྲི་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །རོ་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རོ་དེ་ཡང་དག་པར་རྗེས་སུ་

D8.018.0055b04.01
5

{མྱི་,མི་}མཐོང་ངོ་། །རེག་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རེག་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ཆོས་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཆོས་དེ་ཡང་དག་པར་

D8.018.0055b05.01
6

རྗེས་སུ་{མྱི་,མི་}མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་{མྱིག་,མིག་}གི་རྣམ་པར་ཤེས་པ་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་{མྱིག་,མིག་}གི་རྣམ་པར་ཤེས་པ་དེ་ཡང་དག་པར་རྗེས་སུ་{མྱི་,མི་}

D8.018.0055b06.01
7

མཐོང་ངོ་། །རྣ་བའི་རྣམ་པར་ཤེས་པ་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རྣ་བའི་རྣམ་པར་ཤེས་པ་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །སྣའི་རྣམ་པར་ཤེས་པ་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན།

D8.018.0055b07.01