藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 227a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དང་ཡང་བྲལ་བར་མ་གྱུར་ཏེ། དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་ཚད་{མྱེད་,མེད་}པ་གཞན་དག་དང་ཡང་བྲལ་བར་མ་གྱུར་ཏོ། །ལྷའི་བུ་དག་དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

D8.018.0227a01.01
2

མར་མེ་མཛད་ཀྱིས་ང་ལ་ཁྱེའུ་ཁྱོད་ནི། མ་འོངས་པའི་དུས་ཀྱི་བསྐལ་པ་གྲངས་{མྱེད་,མེད་}པ་ན། བསྐལ་པ་བཟང་པོའི་ཚེ། འཇིག་རྟེན་གྱི་ཁམས་འདི་ཉིད་དུ་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

D8.018.0227a02.01
3

མཁྱེན་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་{མྱེད་,མེད་}པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། ལྷ་དང་{མྱི་,མི་}རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་

D8.018.0227a03.01
4

བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ནས་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་གཟུགས་{མྱི་,མི་}ལེན་{མྱི་,མི་}འདོར་བའི་

D8.018.0227a04.01
5

ཚུལ་དང་། ཚོར་བ་{མྱི་,མི་}ལེན་{མྱི་,མི་}འདོར་བའི་ཚུལ་དང་། འདུ་ཤེས་མི་ལེན་མི་འདོར་བའི་ཚུལ་དང་། འདུ་བྱེད་{མྱི་,མི་}ལེན་{མྱི་,མི་}འདོར་བའི་ཚུལ་དང་། རྣམ་པར་ཤེས་པ་{མྱི་,མི་}ལེན་{མྱི་,མི་}འདོར་བའི་ཚུལ་དང་། {མྱིག་,མིག་}{མྱི་,མི་}ལེན་{མྱི་,མི་}འདོར་བའི་ཚུལ་དང་། རྣ་བ་{མྱི་,མི་}ལེན་{མྱི་,མི་}

D8.018.0227a05.01
6

འདོར་བའི་ཚུལ་དང་། སྣ་{མྱི་,མི་}ལེན་{མྱི་,མི་}འདོར་བའི་ཚུལ་དང་། ལྕེ་{མྱི་,མི་}ལེན་{མྱི་,མི་}འདོར་བའི་ཚུལ་དང་། ལུས་{མྱི་,མི་}ལེན་{མྱི་,མི་}འདོར་བའི་ཚུལ་དང་། ཡིད་{མྱི་,མི་}ལེན་{མྱི་,མི་}འདོར་བའི་ཚུལ་དང་། གཟུགས་{མྱི་,མི་}ལེན་{མྱི་,མི་}འདོར་བའི་ཚུལ་དང་། སྒྲ་{མྱི་,མི་}ལེན་{མྱི་,མི་}འདོར་བའི་

D8.018.0227a06.01
7

ཚུལ་དང་། དྲི་{མྱི་,མི་}ལེན་{མྱི་,མི་}འདོར་བའི་ཚུལ་དང་། རོ་{མྱི་,མི་}ལེན་{མྱི་,མི་}འདོར་བའི་ཚུལ་དང་། རེག་{མྱི་,མི་}ལེན་{མྱི་,མི་}འདོར་བའི་ཚུལ་དང་། ཆོས་{མྱི་,མི་}ལེན་{མྱི་,མི་}འདོར་བའི་ཚུལ་དང་། {མྱིག་,མིག་}གི་རྣམ་པར་ཤེས་པ་{མྱི་,མི་}ལེན་{མྱི་,མི་}འདོར་བའི་ཚུལ་དང་། རྣ་བའི་རྣམ་པར་

D8.018.0227a07.01