完整藏文原文 · 德格版页 当前仅加载第 18 函德格 58b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ལ་{མྱི་,མི་}སློབས། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །རང་བཞིན་སྟོང་
D8.018.0058b01.01པ་ཉིད་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རང་བཞིན་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་
D8.018.0058b02.01བའི་ཆོས་ཐམས་ཅད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རང་གི་མཚན་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་།
D8.018.0058b03.01{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་
D8.018.0058b04.01དེས་གང་ལ་བསླབ་པར་བྱ་བའི་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་{མྱི་,མི་}
D8.018.0058b05.01མཐོང་ངོ་། །དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་
D8.018.0058b06.01དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། དྲན་པ་ཉེ་བར་གཞག་པ་བཞི་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དྲན་པ་ཉེ་བར་གཞག་པ་དེ་དག་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ཡང་དག་པར་སྤོང་བ་བཞི་ལ་{མྱི་,མི་}
D8.018.0058b07.01