完整藏文原文 · 德格版页 当前仅加载第 18 函德格 232b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། བྱམས་པ་ཆེན་པོ་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། སྙིང་རྗེ་ཆེན་པོ་སྟོང་པ་ཉིད་ཤིན་ཏུ་
D8.018.0232b01.01བྱིན་གྱིས་བརླབས་པར་འགྱུར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་{མྱི་,མི་}རྙེད། མཚན་མ་{མྱེད་,མེད་}པས་མཚན་མ་{མྱེད་,མེད་}པ་ལ་
D8.018.0232b02.01གླགས་{མྱི་,མི་}རྙེད། སྨོན་པ་{མྱེད་,མེད་}པས་སྨོན་པ་{མྱེད་,མེད་}པ་ལ་གླགས་{མྱི་,མི་}རྙེད་དོ། །དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས། ཐམས་ཅད་ཤེས་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་
D8.018.0232b03.01ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་{མྱི་,མི་}རྙེད། མཚན་མ་{མྱེད་,མེད་}པས་མཚན་མ་
D8.018.0232b04.01{མྱེད་,མེད་}པ་ལ་གླགས་{མྱི་,མི་}རྙེད། སྨོན་པ་{མྱེད་,མེད་}པས་སྨོན་པ་{མྱེད་,མེད་}པ་ལ་གླགས་{མྱི་,མི་}རྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་གླགས་རྙེད་པར་འགྱུར་བ་དང་། གང་དུ་གླགས་རྙེད་པར་འགྱུར་བ་དང་། གང་ལ་གླགས་རྙེད་པར་འགྱུར་བ་དེ་དག་གི་
D8.018.0232b05.01ངོ་བོ་ཉིད་{མྱེད་,མེད་}དོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ལ་ནི་{མྱིའམ,མིའམ}། {མྱི་,མི་}མ་ཡིན་པ་གླགས་ལྟ་ཞིང་གླགས་ཚོལ་བ་དེ་དག་གིས་གླགས་རྙེད་པར་{མྱི་,མི་}འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་
D8.018.0232b06.01གིས་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཤིན་ཏུ་བསྒོམས་པའི་ཕྱིར་རོ། །རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་ཉམ་ང་བ་{མྱི་,མི་}སྤོངས་བས་དུས་བྱེད་པར་
D8.018.0232b07.01